11/03/2026
དེ་རིང་མཁན་པོ་ཉི་མ་པ་སངས་མཆོག་ཞེ་ཆེན་དགོན་དུ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་། མཁན་ཆེན་པདྨཤེས་རབ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་མཁན་པོར་བཀོད་བཞག་གནང་བའི་དགའ་སྟོན་དང་བསྟུན། མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཀྱི་ཞུས།
Today, on the auspicious occasion of Khenpo Nyima Pasang being enthroned as a Khenpo at Shechen Monastery by Kyabje Shechen Rabjam Rinpoche and Khenchen Pema Sherab Rinpoche, we offer our heartfelt greetings and sincere congratulations
མཁན་པོ་ཉི་མ་པ་སངས་མཆོག་གི་མཛད་རྣམ་་སྙིང་བསྡུས།
མཁན་པོ་ཉི་མ་པ་སངས་སམ་ཐུབ་བསྟན་བློ་གྲོས་མཆོག་ནི་བལ་ཡུལ་རྒྱལ་ཁབ་ཀྱི་ཤར་ཕྱོགས་ཀུ་ལུང་དུ་ཡབ་ཟླ་བ་བསྐྱིད་པ་དང་ཡུམ་ཉི་མ་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༨༡་ཕྱི་ཟླ་༡༡་ཚེས་༡༦་ཉིན་འཁྲུངས། མཚན་ལ་ཉི་མ་པ་སངས་ཞེས་གསོལ། ཡབ་ཀྱི་མདུན་དུ་ཡི་གེ་འབྲི་ཀློག་འདོན་ཆ་སོགས་ལ་སྦྱང་བརྩོན་གནང་། དགུང་ལོ་བཅུ་དྲུག་སོན་པ་ན་ཡབ་དང་འགྲོགས་ནས་བལ་ཡུལ་ཞེ་ཆེན་དགོན་དུ་བཞུགས་ནས་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རྡོ་རྗེ་འཆང་ཆེན་པོ་རིགས་བདག་ཏུ་སྤྱི་བོར་བཀུར་ནས་ཞེ་ཆེན་དགོན་དུ་བསྒྲིགས་བཞུགས་མཛད་དེ་སློབ་གྲྭ གྲྭ་ཚང་། བཤད་གྲྭ་བཅས་ལ་རིམ་བཞིན་སློབ་གཉེར་གནང་ཏེ་སློབ་སྦྱོང་མཐར་འཁྱོལ་མཛད། ༼རིས་མེད་སྐྱེས་ཆེན་དམ་པ་རྣམས་ལས་ཟབ་ཆོས་གསན་བཞེས་གནང་ཚུལ༽ རིམ་བཞིན་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་མདུན་ནས་ཆོས་འབྲེལ་གྱི་ཐོག་མར་རིན་ཆེན་གཏེར་མཛོད་ཀྱི་དབང་འགའ་ཞིག་དང་། གདམས་ངག་མཛོད། རྙིང་མ་བཀའ་མ། སྙིང་ཐིག་ཡ་བཞི། སྙིང་ཐིག་རྩ་པོད། ༧སྐྱབས་རྗེ་དིལ་མཁྱེན་བཀའ་འབུམ། བདུད་འཇོམས་ཁྲོས་མ་དང་རྡོར་སེམས་དབང་བཅས་གསན། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ནས། སྙིང་ཐིག་རྩ་པོད། བཀའ་དགོངས་ཕུར་གསུམ། ཀར་གླིང་ཞི་ཁྲོས། བདུད་འཇོམས་བར་དོ་དྲུག་ཁྲིད། འཕོ་བའི་ཁྲིད་བཅས་གསན། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནས་ཀློང་ཆེན་མཛོད་བདུན་གྱི་ལྗགས་ལུང་དང་ཚེ་དབང་ལོ་བརྒྱ་མ་གསན། ༧སྐྱབས་རྗེ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་ཚེ་དབང་ལོ་བརྒྱ་མ་དང་ཚིག་བདུན་གསོལ་འདེབས་ཀྱི་ལུང་བཅས་གསན། ༧སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་ནས་བདུད་འཇོམས་གྲོད་ལོད། རྡོར་སེམས་དབང་དང་ཆོས་དབྱིངས་མཛོད་ཀྱི་ལུང་བཅས་གསན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྒྲོལ་དཀར་ཡིན་བཞིན་འཁོར་ལོའི་དབང་དང་བྱང་སེམས་ཀྱི་སྡོམ་པ་བཅས་གསན། ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་། སྙིང་ཐིག་སྔོན་འགྲོའི་ལུང་དང་གསོན་བྱང་བཅས་གསན། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་མདུན་ནས་དིལ་མཁྱེན་བཀའ་འབུམ། འཇིགས་གླིང་བཀའ་འབུམ། དཔལ་སྤྲུལ་བཀའ་འབུམ། ཞེ་ཆེན་རྒྱལ་ཚབ་བཀའ་འབུམ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་འབུམ། རིན་ཆེན་གཏེར་མཛོད། འཇའ་མཚོན་སྙིང་པོའི་དབང་བཅས་གསན། ༧མཁན་ཆེན་པདྨཤེས་རབ་རིན་པོ་ཆེ་ནས་བསྙེན་རྫོགས་ཀྱི་སྡོམ་པ། སྤྱི་དོན་དགོངས་འདུས། སྣང་བ་ལྷ་གྲུབ། སྨྱུག་སེམས་ཁྲིད་བཅས་གསན། ༧སྐྱབས་རྗེ་སྟེང་པོ་ཆེ་རིན་པོ་ཆེ་ནས་བདུད་འཇོམས་རྟ་ཕྱག་ཁྱུང་གསུམ་གྱི་དབང་དང་དིལ་མཁྱེན་དགོང་གཏེར་པདྨཚེ་སྙིང་། སྨིན་གཏེར་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་དང་སེ་ར་མཁའ་འགྲོའི་པདྨ་བཀའ་ཐང་ལུང་བཅས་གསན། ༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་འཕོ་བ་འཇའ་ཚུགས་མའི་ཁྲིད་དང་ཚེ་དབང་བཅས་གསན། ༧སྐྱབས་རྗེ་རྗོང་གསར་མཁྱེན་བརྩེ་རིན་པོ་ཆེ་ནས་མཁྱེན་བརྩེ་མནྡར་བའི་དབང་གསན། ༼ལུང་གསན་པའི་སྐོར༽ ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ནས་རྙིང་མ་བཀའ་མ། སྙིང་ཐིག་ཡ་བཞི་། སྙིང་ཐིག་རྩ་པོད། མཛོད་བདུན། གདམས་ངག་མཛོད། བལ་དོ་ཐོས་གྲོལ། རྒྱལ་ཚབ་བཀའ་འབུམ། དཔལ་སྤྲུལ་བཀའ་འབུམ། འཇིགས་གླིང་བཀའ་འབུམ། འཇམ་དབྱངས་མཁྱེན་བརྩེ་དང་དིལ་མགོ་མཁྱེན་བརྩེའི་བཀའ་འབུམ། འཇའ་ཚོན་བཀའ་འབུམ། ཞེ་ཆེན་འདོན་ཆ་ཡོང་རྫོགས། ༧སྐྱབས་རྗེ་མཁན་ཆེན་ཁྲ་གུ་རིན་པོ་ཆེ་ནས་མཁན་པོ་གར་ཤར་དབང་པོའི་ཕྲད་ཚེ་རང་གྲོལ་བཅས་གསན། ༼ཉམས་བཞེས་གནང་ཚུལ༽ ཞེ་ཆེན་སྒྲུབ་སྡེ་པདྨའོད་གླིང་སྟག་མོ་ལུས་སྦྱིན་དུ་ལོ་གསུམ་མཆོག་གསུམ། མཆོད་རྟེན་བྱ་རུང་ཁ་ཤོར་དུ་ཟླ་བ་གཅིག མཱ་ར་ཏི་ཀར་ཟླ་བ་གཅིག ལང་ལེ་་ཤོད་དུ་ཟླ་བ་གཅིག སྟག་པོ་ལུས་སྦྱིན་དུ་ཟླ་བ་དྲུག ༧སྐྱབས་རྗེ་དིལ་མཁྱེན་དགོངས་གཏེར་རང་འབྱུང་པདྨསྙིང་ཐིག་གི་སྔོན་འགྲོ་ལན་གསུམ། གཞན་ཡང་ལོ་ལྟར་གནས་ངེས་མེད་ལ་ཟླ་བ་རེ་མཚམས་བར་མ་ཆད་བར་གནང་བཞིན་པོའོ། ༼དཔེ་ཁྲིད་གནང་བའི་སྐོར༽ ཞེ་ཆེན་བཤད་གྲྭར་ལོ་གཉིས། མཱ་ར་ཏི་ཀ་འཆི་མེད་རྟག་བརྟན་ཆོས་གླིང་དགོན་དུ་ལོ་དགུ རཱ་མེ་ཚབ་རྫོང་ཁར་ལོ་གཉིས་རིང་དཔེ་ཁྲིད་དང་དོན་གཉེར་ཅན་སེར་སྐྱ་ཕོ་མོ་ལྔ་བཅུ་ཙམ་ལ་འཇའ་ཚོན་སྙིང་པོའི་ཟབ་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོའི་ཁྲིད་རིམ་གནང་ཞིང་བསྟན་པ་དང་འགྲོ་བའི་དོན་དུ་འཚོ་ཞིང་བཞུགས་པ་ལགས་སོ།།
A Brief Biography of Khenpo Nyima Pasang
(Thubten Lodrö)
Khenpo Nyima Pasang, also known as Thubten Lodrö, was born on November 16, 1981, in Kulung, Eastern Nepal. He was born to his father, Dawa Kyidpa, and his mother, Nyima Lhamo. From a young age, he studied reading, writing, and daily prayers under his father's guidance.
At the age of sixteen, he traveled with his father to Shechen Monastery in Nepal. There, he took the Great Lord of the Family, H.H. Shechen Rabjam Rinpoche, as his root guru. He enrolled in the monastery and successfully completed his studies through the primary school, the ritual college (Dratshang), and the higher Buddhist institute (Shedra).
Receiving Profound Teachings from Non-Sectarian Masters
Khenpo Ngima Pasang received vast empowerments and instructions from many of the greatest masters of this era:
H.H. Trulshik Rinpoche: Received empowerments from the Rinchen Terdzö, as well as the Damngak Dzö, Nyingma K**a, Nyingthig Yabzhi, Nyingthig Tsapo, the Collected Works of Dilgo Khyentse Rinpoche, and the Dudjom Trokhroma and Vajrasattva empowerments.
H.H. Penor Rinpoche: Received the Nyingthig Tsapo, Ka-Gong-Phur Sum, Karling Sh*tro, the Dudjom Six Bardos instructions, and Phowa (transference of consciousness) teachings.
H.H. Taklung Tsetrul Rinpoche: Received the oral transmission (Lung) of Longchenpa’s Seven Treasuries (Dzö Dun) and the Tsewang Lobgyama (Long-life empowerment).
H.H. Sakya Gongma Trichen Rinpoche: Received the Tsewang Lobgyama and the oral transmission of the Seven-Line Prayer.
H.H. Dungse Thinley Norbu Rinpoche: Received the Dudjom Trokhroma and Vajrasattva empowerments, and the oral transmission of the Choying Dzö.
H.H. the 14th Dalai Lama: Received the White Tara Wish-Fulfilling Wheel empowerment and the Bodhisattva Vows.
H.H. Dodrupchen Rinpoche: Received the empowerments for the Nyingthig Yabzhi, the oral transmission of the Nyingthig Ngöndro, and the Son-jang (purification for the living).
H.H. Shechen Rabjam Rinpoche: Received the collected works of Dilgo Khyentse, Jigme Lingpa, Patrul Rinpoche, Shechen Gyaltsap, and Jamyang Khyentse Wangpo. He also received the Rinchen Terdzö and the empowerments of Jatson Nyingpo.
Khenchen Pema Sherab Rinpoche: Received Full Ordination (Bhikshu vows), and teachings on the Chitön Gongpa Düpa, Nangwa Lhadrup, and Nyugsem instructions.
H.E. Tengboche Rinpoche: Received the Dudjom Tam-Chag-Kyung Sum empowerment, Dilgo Khyentse’s Pema Tse-Nying, the Minling Tsedrup, and the Sera Khandro Seven-Chapter prayer.
H.H. Drikung Kyabgon Rinpoche: Received the Phowa Jag-tsuk-ma instructions and long-life empowerments.
H.E. Dzongsar Khyentse Rinpoche: Received the Khyentse Mandarava empowerment.
Meditation Practice and Retreats
Khenpo Nyima Pasang has dedicated significant time to practice:
Three years and three months at Shechen Pema Ösel Ling (Namo Buddha).
One month at Maratika Cave.
One month at Boudha stupa Kathmandu,
One month at Yangleshö (Pharping).
Six months at Namo Buddha.
He has completed the preliminary practices (Ngöndro) of Dilgo Khyentse Rinpoche’s Rangjung Pema Nyingthig three times.
Additionally, he continues to observe a one-month retreat every year in various sacred locations.
Teaching Activities
He has served the Dharma through extensive teaching:
Shechen Shedra: Taught for two years.
Maratika Chime Takten Choling Monastery: Taught for nine years.
Ramechhap Dzongkha: Taught for two years. And leads more than 50 devotees the Ngondro of Jatson Nyingpo Terma Konchok Chidu,
Currently, he remains dedicated to teaching and practicing for the benefit of the Buddha’s doctrine and all sentient beings.