Bokar Monastery

Call Website

Bokar Monastery Religious organisation

06/10/2026
བཀའ་དྲིན་ཅན་གྱི་ཕ་མ་སློབ་དཔོན་དང༌། །བདག་ལ་ལྟོས་པའི་གྲྭ་འཁོར་ཡོན་བདག་རྣམས། །ལུས་སེམས་ངལ་བ་འབྲས་མེད་མ་གྱུར་པ། །འདི་དང་གཏན་...
16/08/2026

བཀའ་དྲིན་ཅན་གྱི་ཕ་མ་སློབ་དཔོན་དང༌། །བདག་ལ་ལྟོས་པའི་གྲྭ་འཁོར་ཡོན་བདག་རྣམས། །ལུས་སེམས་ངལ་བ་འབྲས་མེད་མ་གྱུར་པ། །འདི་དང་གཏན་གྱི་རེ་བ་སྐོང་ནུས་ཤོག །
བླ་མ་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་རླབས་ཅན་ནོ། ། འབོ་དཀར་རྡོ་རྗེ་འཆང་དབང་མཁྱེན་ནོ།

དགེ་ཚུལ་སློང་གི་སྡོམ་པ་བསྩལ་གནང་མཛད་པ། Granting Novice and Bhikshu Ordinationsལོ་ལྟར་དབྱར་གནས་ཀྱི་སྔོན་དུ་དགེ་འདུན་གསར་བ...
22/07/2026

དགེ་ཚུལ་སློང་གི་སྡོམ་པ་བསྩལ་གནང་མཛད་པ།
Granting Novice and Bhikshu Ordinations
ལོ་ལྟར་དབྱར་གནས་ཀྱི་སྔོན་དུ་དགེ་འདུན་གསར་བུ་པ་རྣམས་ལ་དགེ་ཚུལ་དང་། དགེ་ཚུལ་རྒན་པ་རྣམས་ལ་དགེ་སློང་གི་སྡོམ་པ་གནང་བའི་ཕྱག་སྲོལ་ཡོད་པ་བཞིན། དེ་རིང་འདི་ག་འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་གཙུག་ལག་ཁང་རྟེན་གཙོ་ཐུབ་པའི་དབང་པོ་གཟི་བྱིན་རབ་ཏུ་འབར་བའི་སྤྱན་སྔར་མཆོད་སྤྲིན་ཟབ་རྒྱས་འབུལ་བཤམས་དང་འབྲེལ། གནས་བརྟེན་འདུལ་བ་འཛིན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་མཁན་སློབ་སྦྲགས་མ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་འབོ་དཀར་བཤད་སྒྲུབ་ཀྱི་སྡེ་གཉིས་དང་། ལྷོ་ཕྱོགས་འབོ་དཀར་ཐོས་བསམ་ནོར་གླིང་དགའ་ཚལ། འབྲས་ལྗོངས་ཕོ་ལྡང་ཀརྨ་ཐུབ་བསྟན་བཀྲ་ཤིས་ཆོས་འཁོར་གླིང་བཅས་ནས་དགེ་འདུན་པ་གྲངས་བརྒྱ་ཕྲག་གཅིག་ལྷག་ཙམ་ལ་སྔ་དྲོར་དགེ་ཚུལ་དང་། ཕྱི་དྲོར་དགེ་སློང་གི་སྡོམ་པ་འབོག་ཆོག་གནང་བ་དང་འབྲེལ་བསྟན་པའི་རྩ་བ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཕྱི་སོ་སོ་ཐར་པའི་ཚུལ་ཁྲིམས་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་སུ་བྱེད་དགོས་པའི་བླང་དོར་བཀའ་སློབ་ཟབ་རྒྱས་གནང་སྟེ་དམ་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེའི་དབུ་འཕང་གོང་དུ་འདེགས་པའི་མཛད་པ་རླབས་ཆེན་བསྐྱངས་གནང་ཡོད་པ་རེད།

As is the annual tradition before the summer retreat, it is customary to confer the ordination of Novice vow to new monks and the ordination of Bhikshus to senior Monks. This morning, in the main temple of the Bokar Ngendon Chokor Ling, before the radiant image of the Lord Buddha, extensive offerings were laid out. In the presence of venerable and learned monastic elders, the Great spiritual guide, Kyabje Khenchen Rinpoche, served as the combined abbot and preceptor, while a complete assembly of faithful monks presided. There were over one hundred vow-recipients monks from Bokar Monastery, Bokar Shedra, Bokar Thobsam Norling Garden of Wisdom, and the Phodang Karma Thupten Tashi Chokor Ling in Sikkim. Alongside this, His Eminence provided profound and extensive instructions on the importance of cherishing the foundation of the teachings, the precious discipline of individual liberation, as one would one's own eyes. This grand act elevated the prestige of the precious teachings of the Vinaya.

གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ། Empathy and Prayer for deceased Tibetan Freedom Fighterཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢...
07/07/2026

གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ།
Empathy and Prayer for deceased Tibetan Freedom Fighter

ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རི་ས་གནས་ནེའུ་ཡོག་ཏུ་གཏན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན། རྒྱལ་གཅེས་ལྷག་བསམ་ཅན་བོད་དོན་འཐབ་རྩོད་པ་རང་བཙན་བློ་དགའ་ལགས་ཀྱིས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་པའི་རང་ལུས་མེར་བསྲེགས་བཏང་གནང་བར་གདུང་སེམས་མཉམ་བསྐྱེད་དང་། དམ་པ་དེ་ཉིད་ཀྱི་ཐུགས་རེ་ཇི་བཞིན་བོད་དོན་བདེན་མཐར་མྱུར་དུ་གསལ་བའི་ཆེད་དུ། དེ་རིང་འདི་གར་འདས་ཞག་བཞི་པ་དང་བསྟུན། གདན་སའི་བླ་སྤྲུལ་དགེ་འདུན་འདུས་མང་ཡོངས་ནས་བསྔོ་སྨོན་གསུང་གནང་གིས། འབོ་དཀར་བླ་སྤྱི་ནས་མཆོད་འབུལ་ཟབ་རྒྱས་ཤིག་གོ་སྒྲིག་གནང་ཡོད་པ་རེད།

Recently, on July 2nd, at the United Nations headquarters in New York City, where our community is based, the patriotic and noble Tibetan activist, Rangzen Lodga, self-immolated for the cause of Tibet and its people. In solidarity with his sacrifice and to fulfil his aspirations, today on the fourth day of his passing, the monastic community has convened to recite prayers and the Bokar Lachi has organized an elaborate memorial service.

འཛམ་གླིང་ཞི་བདེའི་དེད་དཔོན་བོད་མི་རིགས་ཀྱི་བླ་སྲོག་སྤྱི་ནོར་༧གོང་ས་༧རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲང...
06/07/2026

འཛམ་གླིང་ཞི་བདེའི་དེད་དཔོན་བོད་མི་རིགས་ཀྱི་བླ་སྲོག་སྤྱི་ནོར་༧གོང་ས་༧རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་ ༩༡ ཕེབས་པའི་སྐུའི་འཁྲུངས་སྐར་ལ། གུས་སྐྱབས་འོག་པ་འབོ་དཀར་གཞིས་བྱེས་བླ་སློབ་སེར་སྐྱ་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་མཚམས་འདྲི་ཞུ་རྒྱུ་ཡིན། On the occasion of the 91st birthday of His Holiness the Dalai Lama, the universal spiritual leader and soul of the Tibetan people, the world peace leader, I, on behalf of all the bokar residents, both at home and abroad, monks and students, respectfully extend my greetings and well wishes.

སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧སྐྱབས་མགོན་༧རྒྱལ་བའི་༧རྒྱལ་ཚབ་པ། མཁས་ཤིང་གྲུབ་པ་མཉེས་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ།...
28/06/2026

སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧སྐྱབས་མགོན་༧རྒྱལ་བའི་༧རྒྱལ་ཚབ་པ། མཁས་ཤིང་གྲུབ་པ་མཉེས་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ། གུས་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་མཚུར་ཕུ་དྲུང་གཽ་ཤྲིར་ཆེན་པོ་མཆོག་དགུང་གྲངས་ ༧༣ ཕེབས་པའི་སྐུའི་འཁྲུངས་སྐར་ལ་གུས་སྐྱབས་འོག་པ་འབོ་དཀར་གཞིས་བྱེས་ལྷ་སྡེ་མི་སྡེ ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

Address

Mirik
734214

Alerts

Be the first to know and let us send you an email when Bokar Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share