Rizong Monastery

Rizong Monastery Amidst the bare mountains of great himalaya, touched by non but the genuine master sunlike moral there dwell the seekers of ultimate solitariness.

ཕྱི་ལོ་༢༠༢༦ ཟླ་ ༡༠ ཚེས་ ༡༡ བོད་རྒྱལ་ལོ་ ༢༡༥༣ རབ་ གནས་ཟླ་བ་ ༩ ཚེས་ ༡ གཟའ་སྐར་འཕྲོད་སྦྱོར་ཉིན་གྱི་སྔ་དྲོའི་ཕྱག་ ཚོད་ ༡༠ ཐོ...
03/10/2026

ཕྱི་ལོ་༢༠༢༦ ཟླ་ ༡༠ ཚེས་ ༡༡ བོད་རྒྱལ་ལོ་ ༢༡༥༣ རབ་ གནས་ཟླ་བ་ ༩ ཚེས་ ༡ གཟའ་སྐར་འཕྲོད་སྦྱོར་ཉིན་གྱི་སྔ་དྲོའི་ཕྱག་ ཚོད་ ༡༠ ཐོག་རི་རྫོང་དགོན་དུ་རི་རྫོང་སྲས་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ལེགས་སྨོན་ཐུབ་བསྟན་ཉི་མ་མཆོག་དགུང་གྲངས་གསུམ་ལ་ཕེབས་སོན་གྱི་སྐུའི་འཁྲུངས་སྐར་མཛད་སྒོ་ཞིག་གོ་སྒྲིག་ཞུ་གཏན་འཁེལ་བས། འདུས་པ་རྒྱ་མཚོར་སྙེན་བཀུར་དང༌། སྐུ་མགྲོན་ཡོངས་ལ་ཉིན་དགུང་གསོལ་ཚིགས་ཟབ་རྒྱས་དང་གར་རྩེད་གླུ་དབྱངས་ཀྱི་རྟེན་འབྲེལ་བཅས་གོ་ སྒྲིག་ཞུ་རྒྱུ་ལགས་ན། སྐུ་ཉིད་གོང་ཚེས་ཉིན་ངེས་ཕེབས་ཡོང་བའི་མགྲོན་ཤོག་ཏུ།

The 3rd Birthday Celebration of His Eminence 4th Rizong Srastul Stanzin Leksmon Thupstan Nyima Lungtok Tenzin Norbu Palzangpo, will be held on 11 October 2026 at 10:00 AM at Rizong Monastery.
On this special occasion, a grand lunch for invited guests, and cultural song and dance performances will be arranged.
All are cordially invited to attend and grace the occasion with their presence.

༄༅༏ ༏རྒྱ་གར་རང་བཙན་དུས་ཆེན་བསུ།Happy Independence Day
15/08/2026

༄༅༏ ༏རྒྱ་གར་རང་བཙན་དུས་ཆེན་བསུ།
Happy Independence Day

01/08/2026

༄༅། །ཕྱི་ལོ་༢༠༢༦ ཟླ་ ༨ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་གི་ར་སྐོར་ནང་དུ་སྐུ་འཆམ་གནང་བ།

01/08/2026
༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣༡ ཉིན་སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༢ རི་རྫོང་སྲས་སྤྲུལ་༧རྗེ་བཙུན་ཐུབ་བསྟན་ཉི་མ་མཆོག་གི་ཡང...
01/08/2026

༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣༡ ཉིན་སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༢ རི་རྫོང་སྲས་སྤྲུལ་༧རྗེ་བཙུན་ཐུབ་བསྟན་ཉི་མ་མཆོག་གི་ཡང་སྲིད་མཆོག་སྤྲུལ་༧རྗེ་བཙུན་བསྟན་འཛིན་ལེགས་སྨོན་ཐུབ་བསྟན་ཉི་མ་མཆོག་གསེར་ཁྲིར་མངའ་གསོལ་གྱི་ཉིན་བཟང་སྐབས་ཀྱི་སྐུ་པར་ཁག་ཡོངས་ཀྱི་སྤྱན་ལམ་དུ་ཕུལ།

༄༅། །༧སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་འདི་ག་རི་རྫོང་དགའ་ལྡན་འཕེ...
31/07/2026

༄༅། །༧སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་འདི་ག་རི་རྫོང་དགའ་ལྡན་འཕེལ་རྒྱས་གླིང་དགོན་དུ་མཛད་འཕྲིན་ཡོངས་ལེགས་པས་གྲུབ་ནས་༧སྐྱབས་རྗེས་དགའ་ལྡན་ཁྲི་ཐོག་༡༠༢ མཆོག་གི་ཡང་སྲིད་མཆོག་སྤྲུལ་རྗེ་བཙུན་བསྟན་འཛིན་ལེགས་སྨོན་ཐུབ་བསྟན་ཉི་མ་མཆོག་དབུ་ཞུགས་ཐོག་གནས་བརྟན་བཅུ་དྲུག་དང་འབྲལ་བའི་བརྟན་བཞུགས་བསྟར་འབུལ་གྲུབ་རྗེས་རིན་པོ་ཆེ་མཆོག ༧སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་༡༠༢ རི་རྫོང་སྲས་སྤྲུལ་༧རྗེ་བཙུན་ཐུབ་བསྟན་ཉི་མ་མཆོག་གི་དམར་གདུང་མཐོང་གྲོལ་རིན་པོ་ཆེ་མཇལ་བ་དང་། རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་མི་ཤིགས་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་། གསང་གསུམ་མཛད་འཕྲིན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་བཅས་ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༣༠ ཉིན།

29/07/2026
༧སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ ༢༠༢༦ ཕྱི་ཟླ་ ༧ ཚེ...
28/07/2026

༧སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ ༢༠༢༦ ཕྱི་ཟླ་ ༧ ཚེས་ ༢༥ ནས་ ༢༩ བར་འདི་ག་རི་རྫོང་དགའ་ལྡན་འཕེལ་རྒྱས་གླིང་དགོན་དུ་བསླབ་བྱ་ནོར་བུའི་འོད་འཕྲེང་ལས་སོ་ཐར་སྡོམ་པའི་སྐོར་གསུང་ཆོས་ཉིན་དང་པོ་གསུམ་གི་སྐབས་ཀྱི་བརྙན་པར།
His Eminence Samdong Rinpoche, Jetsun Lobsang Tenzin Pal Zangpo Rinpoche is giving teachings from 25 to 29 July 2026 at Rizong Galdan Phelgyasling Monastery.

༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༢ རི་རྫོང་སྲས་སྤྲུལ་༸རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་གི་...
25/07/2026

༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༢ རི་རྫོང་སྲས་སྤྲུལ་༸རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རྗེ་བཙུན་བསྟན་འཛིན་ལེགས་སྨོན་ཐུབ་སྟན་ཉི་མ་རི་རྫོང་དགོན་དུ་མཆོད་མཇལ་མཛད་པ་དང་། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་མཆོག་མཇལ་བར་མཛད།
His Eminence 4th Rizong Sras Rinpoche Stanzin Leksmon Thubten Nyima visited Temples of Rizong Monastery and met with His Eminence Kyabje Lopon Zamdong Rinpoche.

ཕྱི་ལོ་༢༠༢༦  ཟླ་བ་༧ ཚེས ༢༣ ཉིན་༧སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག...
24/07/2026

ཕྱི་ལོ་༢༠༢༦ ཟླ་བ་༧ ཚེས ༢༣ ཉིན་༧སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་རི་རྫོང་དགའ་ལྡན་འཕེལ་རྒྱས་གླིང་དགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་བར་མཛད། རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ ༢༠༢༦ ཕྱི་ཟླ་ ༧ ཚེས་ ༢༥ ནས་ ༢༩ བར་འདི་ག་རི་རྫོང་དགའ་ལྡན་འཕེལ་རྒྱས་གླིང་དགོན་དུ་བསླབ་བྱ་ནོར་བུའི་འོད་འཕྲེང་ལས་སོ་ཐར་སྡོམ་པའི་སྐོར་གསུང་ཆོས་གནང་རྒྱུ།
On 23/07/2026 His Eminence Samdong Rinpoche, Jetsun Lobsang Tenzin Pal Zangpo arrived at Rizong Monastery. Rinpoche will graciously bestow teachings on bslab bya nor bu’i ’od ’phreng las so thar sdom pa (”The Pratimoksha Vows, from the Garland of Light of Jewel-like Instructions”) from 25 to 29 July 2026 at Rizong Galdan Phelgyasling Monastery.

Address

BODHGAYA
Bodh Gaya
824231

Website

Alerts

Be the first to know and let us send you an email when Rizong Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share