ངང་ལམ་པད་དཀར་ཆོས་གླིང་ཡན་ལག་གྲྭ་ཚང་།༼Nganglam Pekarcholing Dratshang༽

  • Home
  • Ghana
  • Denchira
  • ངང་ལམ་པད་དཀར་ཆོས་གླིང་ཡན་ལག་གྲྭ་ཚང་།༼Nganglam Pekarcholing Dratshang༽

ངང་ལམ་པད་དཀར་ཆོས་གླིང་ཡན་ལག་གྲྭ་ཚང་།༼Nganglam Pekarcholing Dratshang༽ ངང་ལམ་པད་དཀར་ཆོས་གླིང་ཡན་ལག་གྲྭ་ཚང་།

ངང་ལམ་གླ་འཁོར་ཚོགས་པའི་སྡེ་ཚན་གྱིས།།ལྷག་བསམ་དད་པའི་ཐོག་ལས་དགེ་འདུན་ལུ།།མར་དང་དར་ཚིལ་ཕུལ་བ་བཀའ་དྲིན་ཆེ།།འདི་དང་འདྲཝ་སྦེ་བ...
26/08/2026

ངང་ལམ་གླ་འཁོར་ཚོགས་པའི་སྡེ་ཚན་གྱིས།།
ལྷག་བསམ་དད་པའི་ཐོག་ལས་དགེ་འདུན་ལུ།།
མར་དང་དར་ཚིལ་ཕུལ་བ་བཀའ་དྲིན་ཆེ།།
འདི་དང་འདྲཝ་སྦེ་བཀྲ་ཤིས་བདེ་ལེགས་ཀྱི།།

ནོ་ཅུང་གཙོས་པའི་ཨོམ་གྱི་ཚོགས་པ་ལས།།
གྲྭ་ཚང་དམང་ཁར་མར་དང་དར་ཚིལ་བསྡོམས།།
ཀེ་ཇི་བཅུ་གཅིག་ཙམ་ཅིག་ཕུལ་གནང་ནུག།
འདི་གི་མི་ཚད་ད་རུང་མོས་གུས་ཅན།།

བསྟན་པའི་སྦྱིན་བདག་ཤེས་རབ་མཚོ་མོ་གི།།
བཟའ་ཚང་ཚུ་ལས་ཨོམ་དང་གུ་རམ་དང་།།
ཚེ་སྒྲུབ་རླུང་རྟ་གང་མང་བསགས་གནང་ཟེར།།
ཞལ་འདེབས་འབོར་ཆེ་ཏོག་ཏོ་གནང་འདི་ཡོད།།

ད་རུང་ཡོད་དབའེ་འཕྲོ་མཐུད་ལྷག་གནང་མས།།
ནོར་བུ་བཟང་པོའི་སྤུན་ཆ་བཟང་པོ་གི།།
བཟའ་ཚང་ཧོང་ལས་གསོལ་ཆུམ་ཕད་རྩི་གཅིག།
བཀྲ་ཤིས་དོན་གྲུབ་བཟའ་ཚང་ཚུ་གི་ཡང་།།

གསོལ་ཆུམ་ཕད་རྩི་གཅིག་དང་ད་རུང་ཡང་།།
བསམ་གཏན་འཕྲིན་ལས་བཟའ་ཚང་ཚུ་གི་འབད།།
དད་པའི་སེམས་ཀྱིས་གསོལ་ཆུམ་ཕད་ཙི་གཅིག།
ལས་སྐྱིད་མཁའ་འགྲོ་བཟའ་ཚང་ཚུ་གི་ཡང་།།

ཕད་ཙི་གཅིག་དང་དབྱངས་སྒྲོན་བཟའ་ཙང་གི།།
གསོལ་ཆུམ་ཕད་ཙི་གཅིག་ཕུལ་ཡོངས་བསྡོམས་ཀྱི།།
གསོལ་ཆུམ་ཕད་ཙི་ལྔ་དང་མར་དར་ཚིལ།།
ཕུལ་བའི་དགེ་བའི་རྩ་བ་འདི་ལུ་བརྟེན་ཏེ་གིས།།

བསྟན་པའི་དཔལ་འགྱུར་བླ་མའི་ཞབས་པད་བརྟན།།
བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ།།
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། །

མི་སྡེ་ཞབས་ཏོག་འདི་ རྒྱུ་ཡོད་ས་དང་ངོ་ཆེ་ས་ དྲག་ཞན་དབྱེ་བ་མ་ཕྱེ་བར་ ནང་དོག་ཁག་ཆེ་ས་ལུ་ གཞན་ཕན་ལྷག་བསམ་བསྐྱེད་དེ་ ངེས་པར་ད...
24/08/2026

མི་སྡེ་ཞབས་ཏོག་འདི་ རྒྱུ་ཡོད་ས་དང་ངོ་ཆེ་ས་ དྲག་ཞན་དབྱེ་བ་མ་ཕྱེ་བར་ ནང་དོག་ཁག་ཆེ་ས་ལུ་ གཞན་ཕན་ལྷག་བསམ་བསྐྱེད་དེ་ ངེས་པར་དུ་ ཆ་རོགས་ག་དེ་དྲག་དྲག་ འབད་བྱིན་དགོཔ་ཨིན།
བསམ་པ་རྫོགས་ག་མི་རྫོགས་ རང་རང་སོ་སོ་གི་དད་མོས་གུས་ལུ་ རགས་ལེགས་དགོ།
Community service should be provided with a genuine spirit of kindness and compassion. We should help others as much as possible, especially when they are in need, without making any difference between the rich and poor, important and ordinary people.

I don’t know whether our wishes will be fulfilled or not; it depends on each person’s faith, devotion, and sincere effort.

ཆོས་ལུགས་ལུ་ ཕྱོགས་རིས་མེད་པའི་ གཏོང་ཕོད་ཅན་གྱི་ཚོང་པ་ ཡོངས་གྲགས་ལུ་ ཝམ་རོང་པ་ཚོང་ཁང་གི་ ཡར་ངོའི་ཚེས་བཅུ་གི་སྦྱིན་བདག་མཛ...
23/08/2026

ཆོས་ལུགས་ལུ་ ཕྱོགས་རིས་མེད་པའི་ གཏོང་ཕོད་ཅན་གྱི་ཚོང་པ་ ཡོངས་གྲགས་ལུ་ ཝམ་རོང་པ་ཚོང་ཁང་གི་ ཡར་ངོའི་ཚེས་བཅུ་གི་སྦྱིན་བདག་མཛད་དེ་ཕྱག་དགྱེདཔ་ཡང་དྲངས་ཡོདཔ་མ་ཚད་ ད་རུང་དགེ་འདུན་དམང་ཁར་ལུ་ ཕྱི་རུ་གི་ཚོགས་སྟོན་ཡང་གནང་ཡོདཔ་ཨིན།
ང་བཅས་བླ་སློབ་ཡོངས་ཀྱི་ཧོངས་ལས་ བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།

སྨན་ཁང་གི་སྐུ་རིམ།Ritual for the Hospitalསྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བརྟེན་ཏེ་ ལུས་སེམས་གཉིས་ཆ་ར་སྟབས་མ་བདེ་བར་ ངང་...
22/08/2026

སྨན་ཁང་གི་སྐུ་རིམ།Ritual for the Hospital
སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བརྟེན་ཏེ་ ལུས་སེམས་གཉིས་ཆ་ར་སྟབས་མ་བདེ་བར་ ངང་ལམ་སྨན་ཁང་ནང་ཡུན་རིངམ་འབད་སྡོད་དོ་ཡོདཔ་ལས་ ཡར་ངོའི་དུས་བཟང་དང་བསྟུན་ཏེ་ ངང་ལམ་གྲྭ་ཚང་གི་ཧོངས་ལས་ དྲོ་པ་ལྷ་བསངས་ཁྲུས་གསོལ་དང་རླུང་རྟ་བསགས་ ཕྱི་རུ་སྒྲོལ་དཀར་ཡིན་བཞིན་འཁོར་ལོའི་ཚོགས་འཁོར་བསྐོར་ མཇུག་ར་ གུ་རུ་དྲག་དམར་གྱི་སྒོ་ལས་ བཀའ་བསྒོ་གནང་སྟེ་ མི་སྡེ་གི་ཞབས་ཏོག་ཚུ་ཕུལ་ཚུགས་ཏེ་བློ་བདེ་ཡི་ཟེར་ཞུ་ནི་ཨིན།

འགྱུར་མེད་རི་བོའི་རྩེ་ལ། །ནོར་བུ་སྤུངས་པ་འདྲ་བའི། །པད་དཀར་ཆོས་གླིང་ཆགས་ཡོད། །འདི་ན་སུ་དང་སུ་བཞུགས། །འབྲུག་མི་ཡོངས་ལུ་བཀའ...
21/08/2026

འགྱུར་མེད་རི་བོའི་རྩེ་ལ། །
ནོར་བུ་སྤུངས་པ་འདྲ་བའི། །
པད་དཀར་ཆོས་གླིང་ཆགས་ཡོད། །
འདི་ན་སུ་དང་སུ་བཞུགས། །

འབྲུག་མི་ཡོངས་ལུ་བཀའ་དྲིན། །
ཆེ་བའི་བླ་མ་བཞུགས་ཡོད། །
མཚན་ཡང་ངག་དབང་རྣམ་རྒྱལ། །
སྔར་ཡང་བླ་མ་ཁྱོད་ར། །

ད་ཡང་བླ་མ་ཁྱོད་ར། །
རྗེས་ཡང་བླ་མ་ཁྱོད་ར། །
འདི་ཕྱི་བར་དོ་གསུམ་གྱི། །
བློ་གཏད་རེ་ས་ཁྱོད་ལས། །

ཙན་དན་ལྗོངས་སུ་མ་མཇལ། །
སྨན་ལྗོངས་ཁ་བཞི་ལྷོ་ཕྱོགས། །
དཔལ་ལྡན་འབྲུག་པའི་རྒྱལ་ཁབ། །
ཆོས་དང་ལམ་སྲོལ་གང་ཅི། །

ཐད་ནས་གཞི་བཙུགས་གནང་བ། །
བཀའ་དྲིན་ཤིན་ཏུ་ཆེ་འོ། །
སངས་རྒྱས་ཀུན་འདུས་ངོ་བོ། །
སྐྱབས་གནས་ཁྱོད་ར་མཁྱེན་ནོ། །

རང་ཟླ་༧ པའི་ཚེས་ ༩ ལུ་དུང་བསམ་རྩི་ས་ལས་སྡེ་ནང་གི་ ཚོང་འབྲེལ་འགོ་དཔོན་དང་རྩིས་འཛིན་འགོ་དཔོན་གཉིས་ ངང་ལམ་པད་དཀར་ཆོས་གླིང་ དཔལ་ལྡན་བླ་མ་ ངག་དབང་བདུད་འཇོམས་རྡོ་རྗེའི་སྐུ་མདུན་ལས་ དར་ཞུ་ཡོདཔ་ཨིན།

བསམ་བཟང་ཅན་གྱི་བསོད་ནམས་བསགས།།ཕྱི་མ་སངས་རྒྱས་གོ་འཕང་ཐོབ།།བསམ་ངན་ཅན་གྱི་སྡིག་པ་བསགས།།ཕྱི་མ་དམྱལ་བའི་གནས་སུ་ལྷུང་།།
20/08/2026

བསམ་བཟང་ཅན་གྱི་བསོད་ནམས་བསགས།།
ཕྱི་མ་སངས་རྒྱས་གོ་འཕང་ཐོབ།།
བསམ་ངན་ཅན་གྱི་སྡིག་པ་བསགས།།
ཕྱི་མ་དམྱལ་བའི་གནས་སུ་ལྷུང་།།

ཧེ་མ་གནང་དགོ་ ཤུལ་མ་གཟིགས་དགོ། ངང་ལམ་གྲྭ་ཚང་འདི་ས་གནས་མཐའ་ཟུར་ཅིག་འབད་རུང་ ས་སྒོ་ནང་ལུ་ གཞུང་ལས་གནང་ཡོད་མི་ཅ་ཆས་ཚུ་ཚུལ་མ...
19/08/2026

ཧེ་མ་གནང་དགོ་ ཤུལ་མ་གཟིགས་དགོ།
ངང་ལམ་གྲྭ་ཚང་འདི་ས་གནས་མཐའ་ཟུར་ཅིག་འབད་རུང་ ས་སྒོ་ནང་ལུ་ གཞུང་ལས་གནང་ཡོད་མི་ཅ་ཆས་ཚུ་ཚུལ་མཐུན་འབད་བཞག་ག་མ་བཞག་ འདི་དང་གཅིག་ཁར་ ལཱ་གི་གྲུབ་འབྲས་དང་གནད་སྟངས་ཚུ་དུས་དང་དུས་སུ་ གཞུང་གྲྭ་ཚང་ལས་ ཞིབ་དཔྱད་གནང་བའི་སྐབས་སུ་ ག་ར་ལེགས་ཤོམ་འབད་ར་ཡོད་པའི་སྙན་ཞུ།

བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་བླ་མ་ འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོ...
17/08/2026

བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་བླ་མ་ འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པའི་སྡེ་དཔལ་བཟང་པོ་མཆོག་ རང་ལུགས་དཔལ་ལྡན་འབྲུག་པའི་རྩིས་གཞུང་ལྟར་ན་དགུང་གྲངས་ ༧༢ བཞེས་ཡོདཔ་ལས་བརྟེན་ ངང་ལམ་པད་དཀར་ཆོས་གླིང་གྲྭ་ཚང་ནས་ འགྱུར་མེད་རྡོ་རྗེའི་ཁྲི་ལས་མི་གཡོ་བར་ བསྐལ་བརྒྱའི་བར་དུ་འཚོ་ཞིང་བཞུགས་དགོས་པའི་ མཚོན་བྱེད་དུ་ མཆོད་མེ་དང་ཞབས་བརྟན་ཚེ་མདོ་གང་མང་གསོགས་ནས་བརྩི་སྲུང་ཞུ་ཡོད་པའི་སྣང་བརྙན་ཟུར་ཙམ་ཕུལ་བ།

དད་པ་དང་དམ་ཚིག་ཧིང་ཁར་ཡོདན་ དགའ་བའི་འཛུམ་མདངས་ལས་ཀྱི་འབད་ཕྱི་ཁར་འཐོན་ཏེ་ མནོཝ་བསམ་མེད་པའི་བཀའ་དྲིན་དགའ་ཚོར་གྱི་ལས་རིམ་འད...
16/08/2026

དད་པ་དང་དམ་ཚིག་ཧིང་ཁར་ཡོདན་ དགའ་བའི་འཛུམ་མདངས་ལས་ཀྱི་འབད་ཕྱི་ཁར་འཐོན་ཏེ་ མནོཝ་བསམ་མེད་པའི་བཀའ་དྲིན་དགའ་ཚོར་གྱི་ལས་རིམ་འདི་ ཉལ་བའི་རྨི་ལམ་ནང་ཡང་མ་མཐོང་། ཨིན་རུང་ གྲྭ་ཚང་གི་ཧོངས་ལས་ མི་སྡེ་ལུ་ ལྷག་བསམ་རྣམ་དག་གི་ཐོག་ལས་ ཕྱག་ཞབས་ཏོག་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཞུ་ཡོད་མི་འདི་ ཕན་ཐོགས་བྱུང་ཡོད་པའི་གྲུབ་འབྲས་ཅིག་ཨིན་མས་ཟེར་མནོཝ་མས། ད་ལྟོ་གི་གྲུབ་འབྲས་ལུ་གཞི་བཞག་སྟེ་ ད་རུང་ཧེང་སྐལ་བློ་སྟོབས་དང་སྙིང་རུས་བསྐྱེད་དགོ་པའི་ལམ་སྟོན་གནང་བའི་སློབ་དཔོན་ཅིག་འབད་ སེམས་ལུ་ཚོར་སྣང་འབྱུང་ཡོདཔ་ལས་ སྒྲོལ་ཆོག་ལྷབས་སྦྱང་འབད་ནི་གི་དང་འདོད་ཡོད་མི་ཚུ་བྱོན་གནང་ཟེར་ཞུ་ནི་ཨིན།

ཟ་འདོད་ཆེ་རུང་ བང་ཅུང་གང་དང་ བསོད་ནམས་བསགས་ཚེ་ མི་ཚེ་གང་ཟེར་ སླབ་དོ་བཟུམ་སྦེ་ སྦྱིན་བདག་པདྨ་བཀྲ་ཤིས་ཀྱི་ཧོངས་ལས་ དགེ་འདུ...
15/08/2026

ཟ་འདོད་ཆེ་རུང་ བང་ཅུང་གང་དང་ བསོད་ནམས་བསགས་ཚེ་ མི་ཚེ་གང་ཟེར་ སླབ་དོ་བཟུམ་སྦེ་ སྦྱིན་བདག་པདྨ་བཀྲ་ཤིས་ཀྱི་ཧོངས་ལས་ དགེ་འདུན་དམང་ཁ་ལུ་ ཚོགས་སྟོན་གཅིག་དྲངས་ཡོདཔ་ཨིན།
ང་བཅས་གྲྭ་ཚང་གི་ཧོངས་ལས་ བཟའ་ཚང་འཁོར་དང་བཅས་པ་ལུ་ ཚེ་དང་བསོད་ནམས་གོང་དུ་འཕེལ་ཏེ་ བསམ་དོན་འགྲུབ་པའི་སྨོན་འདེབས་ཕུལཝ་ཨིན།

Address

Denchira

Telephone

+97577638198

Website

Alerts

Be the first to know and let us send you an email when ངང་ལམ་པད་དཀར་ཆོས་གླིང་ཡན་ལག་གྲྭ་ཚང་།༼Nganglam Pekarcholing Dratshang༽ posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to ངང་ལམ་པད་དཀར་ཆོས་གླིང་ཡན་ལག་གྲྭ་ཚང་།༼Nganglam Pekarcholing Dratshang༽:

Shortcuts

Share